Showing posts with label གསར་གནས།. Show all posts
Showing posts with label གསར་གནས།. Show all posts

19/11/2022

འཕྲུལ་དེབ་མཚམས་སྦྱོར།

 

འདི་ནས་ཕབ་ལེན་གནང་རོགས།

འདིར་མནན་ཏེ་ཕབ་ལེན་གནོངས།

༄༅། །ཁམས་སྟོང་འཁོར་དགོན་གྱི་དཔེ་ཁྲིད་དགེན་སེར་སྨད་དགེ་བཤེས་ཉི་མ་མཆོག་ནས་བརྩམས་པའི་<< བྱང་ཆུབ་ལམ་གྱི་རིམ་པ་ལས་བཏུས་པའི་ཏིང་ངེ་འཛིན་སྒྲུབ་པའི་རིམ་པ་བསམ་གཏན་སྒོ་འབྱེད།>> ཞེས་པ་འདི་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་ཕ་ཡུལ་ཁམས་སྟོང་སྐོར་དགོན་དུ་མཇུག་རྫོགས་པར་གནང་སྟེ་བོད་ནང་ནས་དཔེ་སྐྲུན་དང་འགྲེམས་སྤེལ་ཞུས་པ་དང་།

ད་ལན་བོད་ཕྱི་ནས་ཀྱང་འཕྲུལ་དེབ་གསར་བཟོ་ཞུས་པ་འདིར་འཇོག་ཡོད་ན། དོན་གཉེར་ཅན་རྣམ་པས་དྲ་ལམ་འདི་ནས་ཕབ་ལེན་གནང་རོགས་ཞུ།


02/09/2022

༄༅། །ཁམས་སྟོང་འཁོར་དགོན་དུ་དབྱར་གནས་གྲོལ་བའི་ཉིན་མཐའ་མར་སྔར་སྲོལ་བཟང་པོའི་སེམས་བསྐྱེད་སྡོམ་པ་འབོགས་སྐབས་ཀྱི་རྣམ་པའི་ཟེར་གཅིག

29/05/2022

སྨོན་ལམ་ཚིག་མཛོད་གསར་ཐོན།

༄༅། །དགེ་བཤེས་སྨོན་ལམ་ལགས་ཀྱིས་དབུ་ཁྲིད་དེ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་ནས་གཙོ་སྐྱོང་གནང་བའི་ལོ་ངོ་དགུའི་ལས་འཆར་ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་འདི་ཉིད་ལེགས་གྲུབ་བྱུང་སྟེ། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༧ ཉིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་དབུ་འབྱེད་གནང་བ་དང་།


ཚིག་མཛོད་འདི་ལ་མཚོན་ན་དེབ་གྲངས་ ༢༢༣ ཡོད་ཅིང་འཛམ་གླིང་ནང་ཚིག་མཛོད་ཆེས་ཆེ་ཤོས་སུ་གྱུར་པ་དང་། བོད་རང་གི་སྐད་ཡིག་ཐོག་དེང་རབས་ཀྱི་ཁྱད་ཆོས་ལྡན་ལ་གནའ་དེང་གི་ཐ་སྙད་ཀྱིས་ཕྱུག་པ། ཚིག་དོན་གང་ལ་འབྲུ་འགྲེལ་བྱེད་སྐབས་ཁུངས་གང་ལ་གཏུགས་སའི་ཡིག་ཆའི་མིང་དང་ཤོག་གྲངས་ཡན་ཆད་གསལ་པོ་འཁོད་པ་སོགས་ཁྱད་ཆོས་ཧ་ཅང་ཆེན་པོ་འདུག

28/12/2021

དགའ་ལྡན་ལྔ་མཆོད་ཆེན་མོ།

 

མཁྱེན་རབ་ཉི་མ་སྟོང་གི་གཟི་འོད་འབར།།

བརྩེ་ཆེན་ཟླ་བ་གསར་པའི་འཛུམ་དཀར་འཕྲོ།།

ནུས་པའི་སྐར་ཚོགས་ཕྲེང་བས་མཁའ་དབྱིངས་མཛེས།།

འཇམ་མགོན་རྒྱལ་བ་གཉིས་པའི་ཞབས་ལ་འདུད།།

 

བདེ་གཤེགས་སྟོན་པའི་རྨད་བྱུང་ཆོ་འཕྲུལ་གར།།

སྡེ་དྲུག་གཡུལ་ལས་རྒྱལ་བའི་རྗེས་དྲན་ཚུལ།།

འཇམ་མགོན་བླ་མས་གསར་གཏོད་མཛད་པ་ཡི།།

ལུགས་བཟང་འདི་ཉིད་ནམ་ཡང་འབར་གྱུར་ཅིག །

 

འཇམ་མགོན་༸རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོ་དགོངས་པ་ཞི་བར་གཤེགས་ནས་མི་ལོ་ཧྲིལ་པོ་ ༦༠༢ འཁོར་བའི་དགའ་ལྡན་ལྔ་མཆོད་ཆེན་མོ་ཉིན།


18/08/2020

ཁམས་སྟོང་འཁོར་དགོན་གྱི་གླིང་བསྲེ་དམ་བཅའ།

 

༄༅། །དུས་རབས་བཅོ་ལྔ་པའི་སྨད་ཙམ་ལ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དང་པོ་རྗེ་ཟླ་བ་རྒྱལ་མཚན་གྱིས་སྟོང་འཁོར་དགོན་གསང་ཆེན་རྡོ་རྗེ་གླིང་ཕྱག་བཏབ་པ་དང་། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས། གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དང་མཐུན་པ་ཕྱི་ལོ་ ༡༨༠༠ ལོར་"ཆོས་གྲྭ་རྒྱལ་བསྟན་ནོར་བུའི་བང་མཛོད་ཕྱོགས་ལས་རྣམ་རྒྱལ་འཇམ་དབྱངས་ཀུན་དགའ་མཐོང་གྲོལ་"མཚན་ཉིད་ཀྱི་རྩོད་གྲྭ་གསར་འཛུགས་གནང་བ་ནས་བཟུང་། ད་བར་ལོ་ངོ་ ༢༠༠ ལྷག་ཙམ་གྱི་རིང་སེར་སྨད་གྲྭ་ཚང་གི་ཕྱག་སྲོལ་ལྟར་གླིང་བསྲེ་དགེ་བཤེས་བཏང་སྲོལ་ཡོད་པ་བཞིན། ད་ལན་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ ནས་ ༨ བར་ཉིན་བཞིའི་རིང་དགེ་སློང་བློ་བཟང་འཇམ་དབྱངས་དང་། དགེ་སློང་ནོར་བུ་ཕུན་ཚོགས། དགེ་སློང་ཡ་མ་བསམ་འགྲུབ། དགེ་སློང་བློ་བཟང་རིན་ཆེན་བཅས་ཀྱིས་གླིང་བསྲེ་དགེ་བཤེས་ཀྱི་བཤད་གཞུང་དང་དམ་འཇོག དགེ་འདུན་མང་ལ་བསྙེན་བཀུར་གཟབ་རྒྱས་བཅས་ཞུས་ཡོད།

06/07/2020

སྟོང་འཁོར་རིག་མཛོད་མཉེན་ཆས་གསར་ཐོན།

མཉེན་ཆས་འདི་ཡོངས་སུ་གྲུབ་ནས་ཁྱབ་སྤེལ་གྱི་ཆེད་ལས་ཁུངས་ནས་ཆོག་མཆན་ཐོབ་ཟིན་ཅིང་། ཉིན་ཤས་
རྗེས་སུ་ལག་ཐོགས་ཁ་པར་ 
iOS དང་ Android གཉིས་ཀའི་ནང་ཕབ་ལེན་གནང་ཆོག །

༄༅། །འཛམ་གླིང་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན། བཀའ་དྲིན་རྗེས་དྲན་མཚོན་ཕྱིར་དུ་སྟོང་འཁོར་རིག་མཛོད།"Tongkhor Rigzod"ཅེས་པའི་མཉེན་ཆས་ཤིག་གསར་སྐྲུན་གྱིས་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་གསུང་རྩོམ་དབྱིན་བོད་གཉིས་ནང་ཡོད་པ་དེབ་གྲངས་ ༨༥ ཆེད་སྤེལ་ཞུས་ཡོད་པ་དང་།
མ་ཟད་མཉེན་ཆས་འདི་བརྒྱུད་ནས་རྒྱ་བོད་མཁས་གྲུབ་རྣམ་པའི་གསུང་། གཞུང་ཆེན་མཚན་ཉིད་ཀྱི་སྐོར་དང་། བསྐྱེད་རྫོགས། བློ་སྦྱོང་དང་། ལམ་རིམ། གཞུང་ཆེན་གྱི་རྩ་བ། བླ་མའི་རྣལ་འབྱོར། ཉེར་མཁོའི་ཆོ་གའི་རིགས། བསྟོད་ཚོགས། གལ་ཆེའི་བསླབ་བྱ། རྣམ་ཐར། ལོ་རྒྱུས། ཆོས་འབྱུང་། སུམ་རྟགས་དག་གསུམ། སྙན་ངག །མངོན་བརྗོད། དེང་རབས་རྩོམ་རིག །གསོ་རིག་གི་སྐོར་སོགས་དེབ་གྲངས་ ༥༠༠ ཐམ་པ་ཕབ་ལེན་བྱ་རྒྱུ་ཡོད།
སླད་མར་ཡང་དུས་ནས་དུས་སུ་མཉེན་ཆས་འདི་ནས་དགོས་མཁོ་ཆེ་བའི་འཕྲུལ་དེབ་ PDF དང་ ePub ཅི་རིགས་ཁྱབ་སྤེལ་ཞུ་འཆར་ཡོད།
གཞན་ཡང་འདིར་སྟོང་འཁོར་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྙིང་བསྡུས་དང་། སྟོང་འཁོར་ཡུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས། སྐུ་བསྭོ་ཐོག་གནས་རིའི་ལོ་རྒྱུས་སོགས་དང་། གལ་ཆེ་བའི་དྲ་མཛོད་སོགས་རྒྱུན་མཁོའི་བཀོལ་སྤྱོད་ཡོ་ཆས་ཅི་རིགས་ཕྱོགས་བསྡུས་ཞུས་ཡོད་ལགས་ན།
འདིས་ཆོས་དང་རིག་གཞུང་ལ་ཞབས་འདེགས་དང་། གཞན་ལ་ཕན་རླབས་ཅུང་ཟད་ཡོང་བའི་རེ་སྨོན་དང་བཅས་ཏེ།

སྟོང་འཁོར་ཞབས་དྲུང་ཀུན་ཕན་ཚོགས་པ་ནས་མཉེན་ཆས་བཟོ་སྐྲུན་དང་འདོན་སྤེལ་ཞུས།

20/12/2019

རྗེས་དྲན།


༡༽ རྗེ་བླ་མ་སྐུ་ཞི་བར་གཤེགས་ཚུལ་བསྟན་ནས་ལོ་ངོ་དྲུག་བརྒྱ་འཁོར་བ།

ཟུར་ཕུད་ལྔ་པའི་ཆ་བྱད་སྦས་ནས་དགེ་སློང་རྣམ་པར་རོལ་ཏེ་བྱོན།།
གངས་རིའི་ལྗོངས་སུ་ཤིང་རྟའི་སྲོལ་ཆེན་ཡང་དག་འབྱེད་ལ་ཟླ་དང་བྲལ།།
ཤཱཀྱའི་བསྟན་གྱི་དྲི་བྲལ་གདུགས་དཀར་མཐོ་རུ་འདེགས་པའི་གྱད་མི་ཆེ།།
བློ་བཟང་གྲགས་པ་ཙོང་ཁའི་བུ་རྒོད་ལྷམ་མེར་མངོན་པའི་རྡོ་རིང་ཞིག།

11/11/2019

དཔེ་དེབ་གསར་པ་བཅིུག་མཚམས་སྦྱོར།



༄༅། །སྔར་བོད་ཁ་བ་ཅན་གྱི་ཡུལ་དུ་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུ་ཇི་སྙེད་ཅིག་ཕེབས་ཡོད་པའི་ཁྲོད་ནས། ཁམས་སྟོང་འཁོར་༸ཞབས་དྲུང་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་ཀྱང་སྐུ་ཚེའི་མཛད་པ་བསྟན་བ་དང་འགྲོ་བའི་དོན་ཁོ་ནར་སྨིན་པར་མཛད་དེ། རྒྱ་བོད་ཧོར་སོགས་སུ་གདུལ་བྱ་རྣམས་བཀའ་དྲིན་གྱིས་བསྐྱངས་ཡོད་པ་བོད་ཀྱི་རྒྱལ་རབས་ཆོས་འབྱུང་དེབ་ཐེར་རྣམས་སུ་འཁོད་པ་ལྟར་ལགས་ཤིང་། དམ་པ་ཁོང་རྣམས་ཀྱི་གསུང་གི་མཛད་པ་ཡང་ཇི་སྙེད་ཅིག་ཡོད་ནའང་ཕལ་ཆེ་བ་དུས་འགྱུར་གྱི་སྐབས་སུ་རྩ་འཐོར་དུ་སོང་ཟིན་པས་བློ་ཕམ་གྱི་གནས་སུ་གྱུར།

14/09/2019

རྗེ་བླ་མའི་རྗེས་དྲན་བགྲོ་གླེང་།


༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ དང་བོད་རྒྱལ་ལོ་ ༢༡༤༦ ཟླ་ ༧ ཚེས་ ༡༥ ཉིན། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དང་པོ་རྗེ་ཟླ་བ་རྒྱལ་མཚན་ནས་དུས་རབས་ ༡༦ པའི་འགོ་སྟོད་ལ་ཕྱག་བཏབ་པའི་ཁམས་སྟོང་འཁོར་གསང་ཆེན་རྡོ་རྗེ་གླིང་དགོན་གྱིས། ༸འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་ལོ་ངོ་ ༦༠༠ འཁོར་བ་དང་བསྟུན། "རྗེ་བླ་མའི་རྗེས་དྲན་བགྲོ་གླེང་"འཚོགས་པ།


    རྒྱས་པར་གཟིགས།

                                         

27/05/2019

སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དེབ་ཕྲེང་གཉིས་པ་དང་། གསུམ་པ་པར་བསྐྲུན་དང་འགྲེམས་སྤེལ་ཞུས་པ།

གསུང་འབུམ་དེབ་ཕྲེང་གཉིས་པ་དང་། དེབ་ཕྲེང་གསུམ་པ་གཉིས་པར་བསྐྲུན་ཞུས་པ།



༄༅། །ད་ལན་སྟོང་འཁོར་ཞབས་དྲུང་ཀུན་ཕན་ཚོགས་པས་མཐུན་འགྱུར་འོག སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་གཉིས་པ་དང་། དྲུག་པ། དགུ་པ་བཅས་ཀྱི་གསུང་རྩོམ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་ཏེ་དེབ་གཟུགས་སུ་བསྐྲུན་པ།
དེབ་དང་པོའི་ནང་སྐུ་ཕྲེང་གཉིས་པ་མཁས་བཙུན་ཡོན་ཏན་རྒྱ་མཚོས་མཛད་པའི་"རྒྱུད་སྡེ་བཞིའི་ལམ་གྱི་གནད་མདོར་བསྡུས་པ་རིག་འཛིན་རོལ་པའི་དགའ་སྟོན་"དང་། "ཟབ་མོ་དབུ་མའི་ལྟ་ཁྲིད་འབྲུག་གི་སྒྲ་དབྱངས།" སྐུ་ཕྲེང་དགུ་པ་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་"སྡོམ་གསུམ་ལྡན་པའི་དགེ་ཚུལ་སློང་གི་ཉིན་ཞག་ཕྲུགས་གཅིག་ལ་ཉམས་ལེན་བྱ་ཚུལ་སྐལ་བཟང་སྐྱེས་བུའི་འཇུག་ངོགས་"བཅས་དང་།

19/02/2019

སྨོན་ལམ་ཆེན་མོའི་མཆོད་སྤྲིན།


༄༅། །གནའ་བོའི་ཕྱག་སྲོལ་བཟང་པོ་རྣམས་མ་ཉམས་པར། ཁམས་སྟོང་འཁོར་ཉི་ཁོག་བཀྲ་ཤིས་དར་རྒྱས་གླིང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་ ༡༤ ཉིན་ལས་ཀྱི་སྣེ་མོ་བ་རྣམ་པའི་གཟབ་མཆོར་ལེགས་པ་སྤྲས་ཏེ་མཆོད་སྤྲིན་རྒྱ་ཆེ་སྤེལ་བའི་བརྙན་པར།

པར་མང་བར་གཟིགས།


10/02/2019

སྟོང་འཁོར་ཞབས་དྲུང་ཀུན་ཕན་ཚོགས་པའི་འབྲེལ་མཐུད་པ།

རྒྱས་པར་གཟིགས་ན་འདིར་ནོན།

ལས་གཞི་འདིས་མཚོན་གཞན་ཕན་རོགས་སྐྱོར་གྱི་ཆེད་དུ། འདི་ག་ཚོགས་པ་ནས་ཁེ་ན་ཌ་དང་། ཨ་རི། དབྱིན་ཡུལ། བྷེལ་ཇམ། སུད་སི། ཧྥ་རན་སི་སོགས་སུ་ཁོང་སོ་སོར་རེ་འདུན་ཞུས་པ་བཞིན་འབྲེལ་མཐུད་པ་གཏན་འཁེལ་བྱུང་ཡོད་ན། ས་གནས་དེར་བཞུགས་པའི་གྲོགས་དན་རྒྱབ་སྐྱོར་བ་རྣམ་པས་ཁོང་རྣམ་པར་འབྲེལ་གཏུགས་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས།


30/01/2019

སྟོང་སྐོར་ཞབས་དྲུང་དྲན་གླུ།


གླུ་མ་ནོར་དབྱངས་ནས། སྟོང་སྐོར་ཞབས་དྲུང་དྲན་གླུ།


28/01/2019

མཆོད་རྟེན་ཉམས་གསོ།


༄༅། །མཆོད་རྟེན་ཆ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། སྔོན་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་སུ་ཡངས་པ་ཅན་དུ་སྟོན་པ་ཐུབ་པའི་དབང་པོས་སྐུ་ཚེའི་འདུ་བྱེད་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་ཚེ། ཡངས་པ་ཅན་གྱི་ཡུལ་མི་རྣམས་ཀྱིས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་རྟེན་དུ། ཐོག་མར་ཁྲིའི་སྟེང་ཟླུམ་པོ་བང་རིམ་གསུམ་ཅན་གྱི་རྣམ་རྒྱལ་མཆོད་རྟེན་བཞེངས་སྲོལ་བྱུང་བ་བཞིན། དེ་དང་འདྲ་བ་འཛམ་གླིང་གནས་ཆེན་ཉེར་བཞིའི་ཡ་གྱལ་དུ་གྲགས་པའི་སྟོང་འཁོར་རིགས་གསུམ་མགོན་པོའི་གནས་སུ་ཡང་། ལོ་རྒྱུས་ཡུན་རིང་ལྡན་པའི་རྣམ་རྒྱལ་མཆོད་རྟེན་ཞིག་ཡོད་པ་དེ་ཉམས་གསོ་ལེགས་གྲུབ་བྱུང་བ།


པར་མང་བར་གཟིགས།

གདན་སའི་དགེ་བཤེས་རྣམ་པའི་སྐུ་པར།

༄༅། །དུས་འགྱུར་རྗེས་སུ་ཁམས་སྟོང་འཁོར་དགོན་མ་ལག་དང་བཅས་པའི་ཁོངས་ནས། བྱེས་ཀྱི་གདན་
ས་ཁག་ཏུ་སློབ་གཉེར་གནང་སྟེ་དགེ་བཤེས་ཐོན་པ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅིུག་པ་

ཆེན་པོ་མཆོག་གིས་དབུས་དགེ་བཤེས་རྣམ་པའི་སྐུ་པར།

རྒྱས་པར་འདི་ནས་གཟིགས།

སློབ་གཉེར་བ་རྣམ་ལ་བྱ་དགའ་སྕོལ་བཞིན་པ།


༄༅། །ཁམས་སྟོང་འཁོར་དགོན་གསང་ཆེན་རྡོ་རྗེ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཁག་གྲུབ་རྗེས་སུ། 
མདོ་སྔགས་ཀྱི་སློབ་གཉེར་བ་རྣམ་ལ་ཨང་རིམ་བྱ་དགའ་སྕོལ་བཞིན་པའི་རྣམ་པ།

རྒྱས་པར་འདི་ནས་གཟིགས།

11/09/2018

བསྙེན་རྫོགས་ཀྱི་སྡོམ་པ་གནང་བ།

༄༅། །ཁམས་སྟོང་འཁོར་དགོན་གྱི་དགེ་ཚུལ་མི་ཉུང་བ་ཞིག་ནས། དགོན་འདིའི་མཁན་ཟུར་རིན་པོ་ཆེ་མཁས་བཙུན་བཟང་པོའི་དཔལ་མངའ་རྗེ་བཙུན་ཚེ་རིང་མཐར་ཕྱིན་ནམ་བློ་གྲོས་རིན་ཆེན་དཔལ་བཟང་པོ་མཆོག་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་བ་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་ཞལ་གྱིས་བཞེས་ཤིང་། དེ་རིང་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༡ དང་། བོད་ཟླ་ ༨ ཚེས་ ༢ ཉིན་མཁན་ཟུར་ཚེ་རིང་སྟོབས་ལྡན་དང་། གླིང་བསྲེ་ཚུལ་ཁྲིམས་བཟང་པོ་སོགས་དགེ་འདུན་ཁ་སྐོང་གྲངས་ཚང་གི་དབུས་སུ། དགོན་གཞུང་གི་འདུས་ཁང་ཆེན་མོའི་ཡང་སྟེང་གནས་བཅུ་ཁང་དུ་དགེ་ཚུལ་ཉི་ཤུ་ལྷག་ཙམ་ཞིག་བསྙེན་པར་རྫོགས་སྐབས།
པར་མང་བར་གཟིགས།

10/09/2018

དབྱར་དགག་དབྱེ།


༄༅། །སྟོང་འཁོར་དགོན་དུ་དམ་ཆོས་འདུལ་བ་ནས་ཇི་ལྟར་གསུངས་པ་བཞིན་དབྱར་གནས་མཇུག་གྲུབ་མཚམས་སུ་ལོ་ལྟར་དགག་དབྱེ་གནང་བའི་སྲོལ་ཡོད་ཅིང་།
ད་ལོ་སྟེ་བོད་རྒྱལ་ལོ་༢༡༤༥ ལོའི་བོད་ཟླ་བདུན་པའི་ཚེས་ཉི་ཤུ་དགུ་དང་། ཕྱི་ལོ་༢༠༡༨ ཟླ་ ༩  ཚེས་པ་ ༩ ཉིན་མོར་ཡང་།
༸སྟོང་འཁོར་ཞབས་དྲུང་རིན་པོ་ཆེའི་རི་ཁྲོད་གཡར་ཁང་ཆོས་འབྱོར་ཕུན་ཚོགས་གླིང་དུ་མཁན་ལས་ཟུར་རྣམ་པས་དབུས་དགེ་འདུན་འདུས་ཚོགས་དང་བཅས་པ་ལྗོངས་རྒྱུར་ཕེབས་པ་དང་། དགོན་སྤྱི་ནས་དགེ་འདུན་པ་རྣམ་པར་བཞེས་ལག་ཟབ་རྒྱས་དང་བསྙེན་བཀུར་གང་ལེགས་འབུལ་བཞིན་པ་བཅས་ཀྱི་རྣམ་པ་ཟུར་ཙམ།
རྒྱས་པར་གཟིགས།




26/08/2018

ཕྱི་ལོ་ ༢༠༡༨ ལོའི་ཕར་ཕྱིན་འཛིན་གྲྭ་ནས་མཛད་སྒོ་ལེགས་གྲུབ་བྱུང་བ།


༄༅། །གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཕྱག་སྲོལ་བཞིན། ཕྱི་ལོ་ ༢༠༡༨ ལོའི་ཁམས་སྟོང་འཁོར་དགོན་གྱི་ཕར་ཕྱིན་འཛིན་གྲྭ་ནས་ཕར་རོལ་དུ་ཕྱིན་པའི་གཞུང་ལ་སློབ་གཉེར་ཐོན་མཚམས་སུ་སྟོང་འཁོར་རིགས་གསུམ་མགོན་པོའི་གནས་ཆེན་དུ་གནའ་བོའི་སྲོལ་རྒྱུན་བཞིན་ཆོས་ཕྱོགས་ཀྱི་མཛད་སྒོ་དང་། དགེ་འདུན་ལ་བསྙེན་བཀུར། གཞས་སྣ་འཁྲབ་སྟོན་བཅས་གནང་སྲོལ་ཡོད་པ་བཞིན་ལེགས་གྲུབ་བྱུང་ཡོད།
རྒྱས་པར་གཟིགས།