09/08/2016

གཞི་ཆེན་དགོན་གྱི་ལོ་རྒྱུས་སྙིང་བསྡུས།

གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་ནི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཞིག་ཡིན།  འདི་ཕྱི་ལོ་ ༡༦༦༤  ལོར་ཨོ་རྒྱན་ལྷུན་གྲུབ་རྒྱ་མཚོས་ས་བརྟགས་ལེགས་པར་མཛད་རྗེས་སུ་སྙི་ཁོག་ཡུལ་ཕྱོགས་སུ་ཕྱག་བཏབ།   ནང་རྟེན་ལ་འདྲ་སྐུ་གཏེར་མ་སོགས་ཡ་མཚན་པ་མང་དུ་བཞུགས།  ཆོས་ཐོག་ཁག་འཐུས་སྒོ་ཚང་བ་ཡོད་ཅིང་།  གཞི་ཆེན་དབོན་སྤྲུལ་རིན་པོ་ཆེ་དང་

གཞི་ཆེན་བེེ་རོ་སོགས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་དུ་མ་རིམ་པར་ཕེབས་ཤིང་།   འདིའི་བུ་དགོན་ལ་དགོན་པ་ཉི་ཤུ་ཙམ་ཡོད་པའང་གྲགས།  དགོན་འདི་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་ལྔ་པའི་སྐུ་རིང་ནས་སྟོང་འཁོར་ཞབས་དྲུང་དང་འབྲེལ་བ་ཆེ་ཞིང་།  ལྷག་པར་སྐུ་ཕྲེང་བརྒྱད་པའི་སྐུ་དུས་ནས་གཟིགས་སྐྱོང་གནང་ཡུལ་དུ་གྱུར་པ་དང་།  དེང་གི་ཆར་ཡང་ཕྱི་ནང་གི་བཀོད་པ་དང་དགེ་འདུན་གྱི་སྡེ་བཅས་དད་པའི་ཡུལ་དུ་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་ཙམ་མོ།   རྒྱས་པ་སྟོང་འཁོར་ཆོས་འབྱུང་ལས་ཤེས་པར་བྱའོ།

No comments:

Post a Comment