09/08/2016

སྙི་བཀྲ་ཤིས་དར་རྒྱས་གླིང་གི་ལོ་རྒྱུས་སྙིང་བསྡུས།

སྙི་བཀྲ་ཤིས་དར་རྒྱས་གླིང་ནི།   སྟོང་འཁོར་སྙི་ཁོག་ཏུ་ཆགས་ཡོད་ཅིང་།   འདིའི་ཕྱག་འདེབས་པ་པོ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཞི་པ་གྲོང་འཇུག་མདོ་རྒྱུད་རྒྱ་མཚོ་ཡིན།   དགོན་འདི་དང་པོ་ནས་དགེ་ལུགས་ཀྱི་དགོན་སྡེ་ཞིག་ཡིན་པར་མ་ཟད་ཧོར་དགོན་སྡེ་བཅུ་གསུམ་གྱི་གྲས་སུ་བགྲང་བའི་ལོ་རྒྱུས་ཀྱང་ཡོད་ཅིང་དེ་ནི་ཕྱག་འདེབས་པ་པོས་ཧོར་ཆོས་རྗེ་ལ་ཕུལ་བས་དེར་རྩིས་པར་གྲགས།    

འོན་ཀྱང་འདིའི་དགོན་བདག་སྟོང་འཁོར་ཞབས་དྲུང་སྐུ་ན་རིམ་བྱོན་ཡིན་ཞིང་ད་ལྟའི་ཆར་ཡང་དགོན་འདིའི་མཁན་པོ་བསྐོ་བཞག་གནང་མཁན་སྟོང་འཁོར་ཞབས་དྲུང་རིན་པོ་ཆེ་ཉིད་ཡིན།    འདིར་སྔོན་དུས་སུ་ཕྲ་ཡུལ་རིག་གྲོལ་རྒྱ་མཚོ་ལ་སོགས་པ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་པོ་ཕེབས་མྱོང་།  སློབ་གཉེར་གནང་སའི་ཡིག་ཆ་ནི་སྟོང་འཁོར་དགོན་དང་མཐུན་པར་མཁས་གྲུབ་བསྟན་དར་བའི་ཡིག་ཆ་ཡིན།     དགོན་འདིར་སྐུ་གསུང་ཐུགས་རྟེན་གལ་འགངས་ཆེ་བ་ཧ་ཅང་ཡོད་ལ།     ཡོངས་སུ་གྲགས་པའི་ཙནྡན་ཇོ་བོ་ཡང་སྔར་ནས་དགོན་འདིར་བཞུགས་ཡོད།    དེའི་སྐོར་རྒྱས་པ་མཁྱེན་འདོད་ཡོད་རིགས་རྣམས་སྟོང་འཁོར་ཆོས་འབྱུང་དུ་གཟིགས།    དགོན་འདིར་མདོ་སྔགས་ཀྱི་ཆོས་ཐོག་ཁག་རྣམས་རྒྱ་ཆེན་པོ་ཡོད་ཅིང་།   སྟོང་འཁོར་སྙི་ཁོག་གི་གྲོང་ཚོ་མང་ཆེ་བ་ནི་འདིའི་གདུལ་བྱའི་ལྷ་སྡེ་ཡིན་པ་སོགས་སྙིང་བསྡུས་སུ།

No comments:

Post a Comment