09/08/2016

ཟིལ་གནོན་འབོས་ཆེན་དགོན་གྱི་ལོ་རྒྱུས་སྙིང་བསྡུས།

མཚན་གཞན་ལ་ཟིལ་གནོན་བཀྲ་ཤིས་ཆོས་གླིང་ཞེས་པ་གསང་སྔགས་རྙིང་མའི་དགོན་འདི་ནི་ཐོག་མར་སྟོང་འཁོར་སྙི་ཆུའི་ཕ་རོལ་འབོས་ཆེན་ཟེར་བའི་ལུང་ཆུང་ཞིག་ཏུ་ཆགས།  དེང་གི་ཆར་ཟིལ་ལུང་པར་ཡོད་ཅིང་འདིའི་ཕྱག་འདེབས་པ་པོ་ནི་བླ་མ་ཤེས་རབ་བློ་ལྡན་

ཞུ་བ་ཞིག་ཡིན།  རྫོགས་ཆེན་དགོན་པ་དང་སྟོང་འཁོར་དགོན་པ་གཉིས་ཀྱི་དགོན་ལག་ཏུ་གྲགས།  དགོན་འདིར་སྤྲུལ་པའི་སྐུ་བླ་མ་མང་པོ་ཡོད་ཅིང་།  སྐུ་གསུང་ཐུགས་རྟེན་ཡང་ཡ་མཚན་པ་མང་། ཆོས་ཐོག་ཁག་ཀྱང་རྙིང་མ་བ་རྣམས་དང་གཅིག་མཚུངས་སུ་ཡོད། འདིའི་ལྷ་སྡེ་ལ་སྟོང་འཁོར་ཟླ་སྟོད་ཕྱོགས་དང་དེ་བཞིན་སྙི་ཁོག་གསེར་རྟ་བཅས་ནས་ཡོད་པ་སོགས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།   རྒྱས་པ་སྟོང་འཁོར་ཆོས་འབྱུང་དུ་གཟིགས།

No comments:

Post a Comment