23/03/2016

གསོལ་རས་བསྩལ་བ།།

ཁམས་སྟོང་འཁོར་དགོན་གྱི་ད་ལྟའི་འཛིན་སྐྱོང་བ་རྣམ་པའི་ལས་ཡུན་རྫོགས་ཟིན་ནའང་། མུ་མཐུད་དགོན་འདི་ཉིད་ཀྱི་ཆིག་སྒྲིལ་དང་། སྲ་བརྟན། སློབ་གཉེར་ཡར་རྒྱས་སོགས་མདོར་ན་ཆོས་སྲིད་ཀྱི་བྱ་གཞག་རྣམས་ཀྱི་ཆེད་རྒྱུན་ལས་ཀྱི་ཐུགས་འགན་མུ་མཐུད་བཞེས་གནང་ཡོང་བའི་སྟོང་འཁོར་སེར་སྐྱ་མང་ནས་རེ་འདུན་ཞུས་དོན་ལྟར་ཞལ་བཞེས་ཐོབ་པ་དང་། སྟོང་འཁོར་ཞབས་དྲུང་བཅིུག་པ་ཆེན་པོ་མཆོག་ནས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས་ལེགས་གསོལ་མཚོན་བྱེད་དུ་འཛིན་སྐྱོང་འགན་འཛིན་བསྟན་འཛིན་རབ་རྒྱས་ཀྱིས་དབུས་འཛིན་སྐྱོང་བ་རྣམ་པ་ལྔ་དང་། དགེ་རྒན་དགེ་བཤེས་ཉི་མ་དང་། དགེ་རྒན་དགེ་བཤེས་ཚུལ་ཁྲིམས་འོད་ཟེར་བཅས་སུ་མཇལ་དར་དང་ཐུབ་དབང་གི་ཞལ་ཐང་བཅས་གསོལ་རས་བསྩལ་བ།།

No comments:

Post a Comment