16/12/2014

ཁམས་སྟོང་འཁོར་དགོན་གྱི་ལས་སྣེ་བརྗེ་ལེན།

       ཚོགས་ཆེན་དགེ་སྐོས་ཆེ་ཆུང་གཉིས།
དེ་རིང་སྟེ་དགའ་ལྡན་ལྔ་མཆོད་ཉིན་མོ་དང་སྟབས་བསྟུན་གདན་ས་ཁག་གིལས་སྣེ་བརྗེ་ལེན་བྱེད་སྲོལ་ཡོད་པ་བཞིན། ཁམས་སྟོང་འཁོར་དགོན་དུ་ཡང་སྔགྱི་ཕྱག་སྲོལ་བཟང་པོ་བཞིན་ལས་སྣེ་རྣམས་ལོ་དུས་ཡུན་ཚད་རིམ་པས་ཉིན་དེར་བརྗེ་སྒྱུར་བྱེད་བཞིནཡོད་ལདེ་རིང་བརྗེ་སྒྱུར་བྱུང་བ་ནི། ཁམས་སྟོང་འཁོར་དགོན་གྱི་མཁན་པོ་དགེ་ལེགས་བཟང་པོ་མཆོག་དང་། ཚོགས་ཆེན་དགེ་སྐོས་ཆེ་་སྐལ་བཟང་མཐར་ཕྱིནདགེ་སྐོས་ཆུང་བ་བསོད་ནམས་ཡེ་ཤེས་བཅས་ལས་སྣེ་ཆེ་ཁག་རྣམས་དང་། དེ་བཞིན་ལས་སྣེ་འབྲིང་ཁག་གྲྭ་ཚང་ངམ་མཚན་ཉིད་ཆོས་གྲྭའི་དབུ་མཛད་དཀོན་མཆོག་ཉི་འབུམ་བཅས་བརྗེ་ལེན་གྱིས་ཁོང་རྣམས་ལ་སྟོང་འཁོར་བླ་བྲང་གིས་ཚོགས་དབུས་སུ་བཀའ་དྲིན་ཆེ་གསོལ་གྱི་ཁ་བཏགས་གནང་རྗེས་སུཁོང་རྣམ་པའི་ཚབ་ལ་གླིང་བསྲེ་དཀོན་མཆོག་མཁན་པོ་དང་། ཚོགས་ཆེན་དགེ་སྐོས་ཆེ་བཆོས་གྲགས ། དགེ་སྐོས་ཆུང་བབྱམས་པ་འོད་ཟེར། གྲྭ་ཚང་ངམ་ཆོས་གྲྭའི་དབུ་མཛདཚུལ་ཁྲིམས་ཡོན་ཏན་བཅས་གསར་དུ་བསྐོ་འཇོག་བྱས་ཡོད་པ་རེད།།