26/07/2015

མདོ་ཁམས་འཇང་དགུན་ཆོས་དང་སྟབས་བསྟུན་མཛད་སྒོ་གཉིས་དུས་གཅིག་ཏུ་ཚོགས་པ།

ཕྱི་ལོ ༢༠༡༥ ལོ་ཟླ་ ༧ པའི་ཚེས་ ༡༦ ཉིན་མདོ་ཁམས་འཇང་དགུན་ཆོས་གཙུག་ལག་སློབ་གཉེར་ཁང་གི་ཁོངས་གཏོགས་དགོན་ཁག་ལྔ་བཅུ་ལྷག་དང་འབྲེལ་ཡོད་བླ་སློབ་སུམ་སྟོང་ལྷག་གདན་འཛོམས་པའི་དབུས་སུ་མདོ་ཁམས་འཇང་དགུན་ཆོས་གཙུག་ལག་སློབ་གཉེར་ཁང་གི་ཚོགས་གཙོ་སེར་བྱེས་ལྷ་རམས་པ་དགེ་བཤེས་འཇམ་དཔལ་བློ་ཤེས་མཆོག་གིས་བཀའ་སློབ་ཟབ་རྒྱས་གནང་བ་དང་བསྟུན་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྩོད་རྒྱུགས་ལེགས་འཕྲོད་ཀྱི་མཛད་སྒོ་དང་། ཚད་མ་རྣམ་འགྲེལ་གྱི་གཞུང་ལུགས་རབ་འབྱམས་ལ་འཆད་རྩོད་རྩོམ་གསུམ་གྱི་རྒྱུགས་སྤྲོད་ལེགས་འཕྲོད་སྐོར་གྱི་མཛད་སྒོ་གཉིས་དུས་གཅིག་ཏུ་ཚོགས་འདུག་པ་དང་།
རྒྱུགས་ཀྱི་གཞུང་ཚན་ནི
ཚད་མ་རྣམ་འགྲེལ་རྩ་བ་དང་། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་དང་བོ་གཉིས་བཅས་ལ་འཆད་རྒྱུགས། རྩོད་རྒྱུགས། བྲིས་རྒྱུགས་དང་བོ། བྲིས་རྒྱུགས་གཉིས་པ། བློ་རྒྱུགས་བཅས་ཁག་ལྔར་དབྱེ་ནས་རྒྱུགས་འབྲས།
ཨང་རིམ་དང་བོའི་གྲས།
༡༽ཁམས་སྟོང་འཁོར་དགོན་བློ་བཟང་རབ་འབྱོར། ༢༽སེར་ཤུལ་དགོན་འཇིགས་མེད་བསམ་འགྲུབ། ༣༽ཇོ་བོ་དགོན་དུ་ཡོད་པའབུམ་རྙིང་བསོད་འཕེལ། ༤༽སེར་ཤུལ་དགོན་བསོད་ནམས་ཚེ་རིང་། ༥༽འབུམ་རྙིང་དགོན་འཕྲིན་ལས་རྒྱ་མཚོ། ༦༽སེར་ཤུལ་དགོན་ཐུབ་རྡོ། ༧༽སེར་ཤུལ་དགོན་མཁས་གྲུབ། ༨༽བ་རོང་དགོན་ཐུབ་བསྟན་བསོད་ནམས། ༩༽སེར་ཤུལ་དགོན་ཀརྨ་ངེས་དོན། ༡༠༽བཟང་མགོ་དགོན་ཤེས་རབ་མགོན་པོ། ༡༡༽དབོན་པོ་དགོན་ཕུར་ལྡན། ༡༢༽བ་རོང་དགོན་ཐུབ་བསྟན་སྐལ་བཟང་། ༡༣༽མང་དགེ་དགོན་རྣམ་རྒྱལ་ཚེ་རིང་། ༡༤༽ ཁམས་སྟོང་འཁོར་དགོན་བློ་བཟང་སྦྱིན་པ། ༡༥༽སེར་ཤུལ་དགོན་བློ་བཟང་རྣམ་རྒྱལ། ༡༦༽ཇོ་བོ་དགོན་བསོད་དགའ། ༡༧༽དབོན་པོ་དགོན་ཆོས་པ། ༡༨༽སེར་ཤུལ་དགོན་ཆོས་འབྱོར་རྒྱ་མཚོ། ༡༩༽ལབ་དགོན་རྡོ་རྗེ་དབང་རྒྱལ། ༢༠༽ ཁམས་སྟོང་འཁོར་དགོན་བློ་བཟང་ཆོས་འཕེལ། ༢༡༽འབའ་དྷ་དགོན་ཐབས་མཁས། ༢༢༽གླིང་ཡག་དགོན་བསྟན་འཛིན་བློ་བཟང་། ༢༣༽སེར་ཤུལ་དགོན་ངག་དབང་ཡེ་ཤེས། ༢༤༽ཟིལ་དཀར་དགོན་ཚུལ་ཁྲིམས་བློ་བཟང་། ༢༥༽བ་རོང་དགོན་ངག་ཚེ། ༢༦༽སེར་ཤུལ་དགོན་དགེ་ལེགས་རྒྱ་མཚོ། ༢༧༽ ཁམས་སྟོང་འཁོར་དགོན་བློ་བཟང་ཉི་མ། ༢༨༽སེར་ཤུལ་དགོན་སྐལ་བཟང་བཅས་དང་།

ཨང་རིམ་གཉིས་པའི་གྲས།

༡༽སེར་ཤུལ་དགོན་འཇིགས་མེད་རྡོ་རྗེ། ༢༽ཨ་མཆོག་དགོན་ཀླུ་སྒྲུབ་ཆོས་འཕེལ། ༣༽ ཁམས་སྟོང་འཁོར་དགོན་བློ་བཟང་ཉི་མ། ༤༽ཟིལ་དཀར་དགོན་ཚུལ་ཆོས། ༥༽སེར་ཤུལ་དགོན་ཉི་མ་ཚེ་རིང་ཆུང་བ། ༦༽སེར་ཤུལ་དགོན་ཚེ་རིང་དར་རྒྱས། ༧༽ཇོ་བོ་དགོན་རྒྱ་མཚོ། ༨༽སེར་ཤུལ་དགོན་ཆོས་དབྱིངས་ཀུན་དགའ། ༩༽ལབ་དགོན་ཀརྨ་ལྷག་བསམ། ༡༠༽ལབ་དགོན་བློ་བཟང་དར་རྒྱས། ༡༡༽ཇོ་བོ་དགོན་བཟང་བོ། ༡༢༽སེར་ཤུལ་དགོན་ཆོས་དབྱིངས་ཉི་ཟླ། ༡༣༽ཤུལ་མ་དགོན་མ་སྐྱབས། ༡༤༽སེར་ཤུལ་དགོན་མན་སྡིས། ༡༥༽སེར་ཤུལ་དགོན་ཚུལ་ཁྲིམས་རབ་རྒྱས། ༡༦༽ཤུལ་མ་དགོན་ཐུབ་བསྟན་སྐལ་བཟང་། ༡༧༽སེར་ཤུལ་དགོན་སྤུན་སྡིས། ༡༨༽ཟིལ་དཀར་དགོན་བློ་བཟང་སྨོན་ལམ། ༡༩༽སེར་ཤུལ་དགོན་རྣམ་སྲས། ༢༠༽ཤུལ་མ་དགོན་བློ་ཆོས་སྐྱབས། ༢༡༽སེར་ཤུལ་དགོན་དཀོན་མཆོག་ལྷ་དར། ༢༢༽སེར་ཤུལ་དགོན་མཆོག་འགྲུབ། ༢༣༽འབྲོམ་བུ་དགོན་བསོད་ནམས་དོན་ཡོད། ༢༤༽སེར་ཤུལ་དགོན་བློ་སྦྱིན། ༢༥༽ཟིལ་དཀར་དགོན་ཐོགས་མེད་རང་ཤར། ༢༦༽ཟིལ་དཀར་དགོན་བློ་སྙིང་རྗེ། ༢༧༽སེར་ཤུལ་དགོན་བསྟན་ཟླ། ༢༨༽སེར་ཤུལ་དགོན་བློ་ཚུལ། ༢༩༽སེར་ཤུལ་དགོན་བློ་ཡར། ༣༠༽སེར་ཤུལ་དགོན་ཉི་མ་ཚེ་རིང་ཆེ་བ། ༣༡༽སེར་ཤུལ་དགོན་བློ་བཟང་གྲགས་པ། ༣༢༽སེར་ཤུལ་དགོན་བསོད་ནམས་ཕུན་ཚོགས། ༣༣༽སེར་ཤུལ་དགོན་བྷ་གཅེས། ༣༤༽སེར་ཤུལ་དགོན་དབང་རྒྱལ། ༣༥༽ཟིལ་དཀར་དགོན་རིན་ཆེན། ༣༦༽ཤུལ་མ་དགོན་ལྷ་སྐྱབས། ༣༧༽ཤུལ་མ་དགོན་བློ་ཆོས། ༣༨༽སེར་ཤུལ་དགོན་ཚེ་རིང་ཆོས་དར། ༣༩༽ཟིལ་དཀར་དགོན་ཐུབ་བསྟན་རབ་རྒྱས། ༤༠༽སེར་ཤུལ་དགོན་ངག་དབང་རོལ་གྲོལ། ༤༡༽སེར་ཤུལ་དགོན་རྣམ་གྲོལ་དཔག་ཡས། ༤༢༽སེར་ཤུལ་དགོན་ངག་དབང་བཟོད་པ། ༤༣༽ཤུལ་མ་དགོན་ཤེས་རབ་རྒྱ་མཚོ། ༤༤༽སེར་ཤུལ་དགོན་བསོ་རབ། ༤༥༽སེར་ཤུལ་དགོན་ཚེ་རིང་། ༤༦༽ཤུལ་མ་དགོན་བློ་རྒྱམ། ༤༧༽སེར་ཤུལ་དགོན་ཚེ་བསམ་བཅས་ཡིན་འདུག་པ་དང་། དེ་རྗེས་ཚོགས་གཞོན་སེར་བྱེས་ལྷ་རམས་པ་དགེ་བཤེས་བསོད་ནམས་བློ་བཟང་མཆོག་གིས་རྒྱུགས་སྤྲོད་སོགས་ཀྱི་སྐོར་བཀའ་སློབ་གནང་བ་དང་། འཇུག་ཏུ་རེབ་གོང་རྟོག་གྲོལ་ཡོན་ཏན་མཆོག་གིས་ཀྱང་མདོ་ཁམས་འཇང་དགུན་ཆོས་གཙུག་ལག་སློབ་གཉེར་ཁང་གིས་བཀོད་བསྒྲིགས་གནང་བ་ལྟར་རྒྱུགས་ཞིབ་ལྷན་ཚོགས་ཀྱིས་གཙོ་བསྒྲུབས་གནང་ཡོད་པ་བཅས་ལ་བཀའ་དྲིན་ཆེ་ཞུས་ཏེ་མཛད་སྒོ་འཇུག་བསྡུས་ཡོད་པ་བཅས།།
ཚད་མ་རྣམ་འགྲེལ་གྱི་རྩོད་རྒྱུགས་སོགས་འཆད་རྩོད་རྩོམ་གསུམ་གྱི་རྒྱུགས་སྤྲོད་སྐབས་ཨང་རིམ་དང་པོའི་དང་པོ་བཞེས་མཁན་ཁམས་སྟོང་འཁོར་དགོན་གྱི་གྲྭ་བློ་བཟང་རབ་འབྱོར།

1 comment:

  1. སྙིང་ནས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུའོ། ཕ་བཟང་བུ།

    ReplyDelete