10/12/2014

སྤྱི་ལོ་ ༡༨༠༠ ལོར་ཆོས་གྲྭ་དར་བ་ནས་བཟུང་ད་ལྟའི་བར་གྱི་མཁན་རབས།

༼དགོན་སྡེ་འདིའི་བར་སྐབས་ཤིག་གི་མཁན་རབས་རིམ་པར་བྱོན་པ་ནི།༽
ཆོས་གྲྭ་གསར་འཛུགས་མ་གནང་གོང་དུ་མཁན་པོ་མང་པོ་ཕེབས་ཟིན་པ་སྨོས་མེད་ཡིན་ཀྱང་མཚན་རྣམས་ཁ་གསལ་ཞིག་རྙེད་སོན་མ་བྱུང་། ཞབས་དྲུང་དྲུག་པ་ཆེན་མོ་འཇམ་དཔལ་དགེ་འདུན་རྒྱ་མཚོས་སྤྱི་ལོ་ ༡༨༠༠ ལོར་ཆོས་གྲྭ་དར་བ་ནས་བཟུང་ད་ལྟའི་བར་དུ་མཁན་རབས་བརྒྱད་ཅུ་གྱ་གཉིས་ཙམ་ཕེབས་ཟིན་པའི་རྣམ་ཐར་ཞིབ་རྒྱས་ཡོད་རུང་ཚིག་ཚོགས་མང་བར་དོགས་ནས་མ་བྲིས།
འོན་ཀྱང་ངོ་སྤྲོད་ཙམ་གྱི་ཕྱིར་དུ་མཚན་ཙམ་རེ་བརྗོད་ན། གྲུབ་པའི་དབང་ཕྱུག་བློ་བཟང་ཚུལ་ཁྲིམས། བློ་བཟང་བསམ་འགྲུབ། འཇམ་དབྱངས་བསྟན་འཛིན། དོན་འགྲུབ་རྒྱ་མཚོ། བྱམས་པ་ལེགས་ལྡན། བློ་བཟང་ཡོན་ཏན། ངག་དབང་རྒྱལ་མཚན། བློ་བཟང་དཔལ་ལྡན། བསོད་ནམས་བསྟན་པ། ཡེ་ཤེས་ནོར་བུ། བྱམས་པ་ཡེ་ཤེས། དོན་འགྲུབ་ཚུལ་ཁྲིམས། བློ་བཟང་འབྱུང་གནས། བློ་གྲོས་ཆོས་འཕེལ། དོན་འགྲུབ་དཔལ་ལྡན། བྱམས་པ་ལྷུན་འགྲུབ། གྲགས་པ། བློ་བཟང་ཚེ་བརྟན། གྲགས་པ་བསམ་འགྲུབ། གྲགས་པ་ཕུན་ཚོགས། ཡོན་ཏན་བསྟན་དར། བློ་བཟང་བསྟན་འཛིན། ཡོན་ཏན་ཕུན་ཚོགས། ཡོན་ཏན་འབྱུང་གནས། བློ་བཟང་བསྟན་འཕེལ། ཡོན་ཏན་འོད་གསལ། བློ་གྲོས་ཆོས་འཕེལ། ངག་དབང་ཆོས་འཕེལ། དཔལ་ལྡན་བསྟན་འཕེལ། བློ་གྲོས་ཉི་མ། ཚུལ་ཁྲིམས་ཐབས་མཁས། བློ་གྲོས་ཟླ་བ། བློ་བཟང་རབ་འབྱོར། བློ་བཟང་དམ་ཆོས། བློ་བཟང་བཀྲ་ཤིས། བློ་བཟང་ཚུལ་ཁྲིམས། ཚུལ་ཁྲིམས་བཟང་པོ། བློ་བཟང་ཆོས་ལྡན། བློ་བཟང་ཆོས་གྲགས། ཡོན་ཏན་ཡར་འཕེལ། བློ་བཟང་ཚེ་བརྟན། ངག་དབང་ཆོས་འབྱོར། བློ་བཟང་མཁས་མཆོག ངག་དབང་བསོད་ནམས། ངག་དབང་དངོས་གྲུབ། བློ་བཟང་རྒྱ་མཚོ། དཔལ་ལྡན་གྲགས་པ། བློ་བཟང་སྨོན་ལམ། བློ་བཟང་འཕྲིན་ལས། སྐལ་བཟང་རྒྱལ་མཚན། གྲགས་པ་ཡོན་ཏན། སྐལ་བཟང་མཐར་ཕྱིན། བློ་བཟང་ཐུགས་རྗེ། བསྟན་འཛིན་བཟོད་པ། ལེགས་པའི་བློ་གྲོས། ཡོན་ཏན་མཐར་ཕྱིན། བློ་བཟང་ཡོན་ཏན། བློ་བཟང་ཆོས་སྐྱོང་། བློ་བཟང་ལུང་རྟོགས། བློ་བཟང་ཉི་མ། བློ་བཟང་དབང་ཕྱུག དཀོན་མཆོག་ལྷུན་འགྲུབ། པདྨ་དབང་རྒྱལ། བློ་ཡངས། བསམ་གཏན་རྒྱ་མཚོ། མཁའ་འགྲོ་བརྟན། ཚེ་རིང་ཆོས་འཕེལ། དངོས་དགའ། བློ་དགའ། བསོད་ནམས་མཐར་ཕྱིན། སྐལ་བཟང་མཐར་ཕྱིན། རྡོ་རྗེ་ཆོས་དབྱངས། བློ་བཟང་ཐོགས་མེད། མཁས་བཙུན་བཟང་པོ། དཀོན་མཆོག་མཐར་ཕྱིན། ཨོ་རྒྱན་ཆོས་འཕེལ། ཚེ་རིང་མཐར་ཕྱིན། བྱམས་དགའ། མཐའ་དགའ། བསོད་ནམས་ལྷུན་འགྲུབ། ཚུལ་ཁྲིམས་བསྟན་འཛིན། དགེ་ལེགས་བཅས་སྤྱི་ལོ་ ༢༠༡༤ བར་རིམ་པར་བྱོན་པའི་མཁན་པོ་རྣམས་ཀྱི་མཚན་ཙམ་རེ་དང་། མ་ཟད་གོ་བདེའི་ཆེད་དུ་ཉེ་བའི་མཁན་རབས་རྣམས་ཀྱི་ཆོས་མིང་མིན་པར་ཡོངས་གྲགས་ཀྱི་མཚན་འདིར་བཀོད་པ་ཡིན། ཁོང་རྣམས་ཀྱིས་དགོན་སྡེ་འདིའི་མཁན་པོའི་ཐུགས་འགན་བཞེས་ཏེ་བསྟན་པ་ལ་སྲི་ཞུ་མཛད་པའི་རྣམ་ཐར་ཧ་ཅང་མང་ཡང་། རྒྱས་པ་གཞན་དུ་གསལ་བས་མདོར་བསྡུས་ཙམ་གྱིས་མཇུག་གྲུབ་པར་བྱས་སོ།།