31/07/2019

འཕྲུལ་དེབ་ངོ་སྤྲོད།


སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་པོད་མང་དུ་ཡོད་པའི་ནང་ནས་འདིར་འཕྲུལ་དེབ་གཉིས་ངོ་སྤྲོད་ཞུ་ན། དེབ་ཕྲེང་གཉིས་པའི་ནང་དུ་སྐུ་ཕྲེང་གཉིས་པ་མཁས་བཙུན་ཡོན་ཏན་རྒྱ་མཚོས་མཛད་པའི་"རྒྱུད་སྡེ་བཞིའི་ལམ་གྱི་གནད་མདོར་བསྡུས་པ་རིག་འཛིན་རོལ་པའི་དགའ་སྟོན་"དང་། "ཟབ་མོ་དབུ་མའི་ལྟ་ཁྲིད་འབྲུག་གི་སྒྲ་དབྱངས།" སྐུ་ཕྲེང་དགུ་པ་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་"སྡོམ་གསུམ་ལྡན་པའི་དགེ་ཚུལ་སློང་གི་ཉིན་ཞག་ཕྲུགས་གཅིག་ལ་ཉམས་ལེན་བྱ་ཚུལ་སྐལ་བཟང་སྐྱེས་བུའི་འཇུག་ངོགས་"བཅས་ཀྱི་འཕྲུལ་དེབ་གཅིག་དང་།

དེབ་ཕྲེང་གསུམ་པའི་ནང་དུ་སྐུ་ཕྲེང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས་མཛད་པའི་"དོན་བདུན་ཅུའི་མཐའ་དཔྱོད་མི་ཕམ་བླ་མའི་ཞལ་ལུང་བདུད་རྩིའི་གཟེགས་མ་"དང་། སྟོང་འཁོར་གྲྭ་ཚང་གིས་བརྩི་བཞག་ཏུ་གནང་བའི་"རྟགས་རིགས་ཀྱི་རྣམ་གཞག་ལེགས་པར་བཤད་པ་རྒོལ་ངན་ཝ་ཚོགས་འཇོམས་པ་གདོང་ལྔའི་དབང་པོའི་སྒྲ་དབྱངས།" སྟོང་འཁོར་གྲྭ་ཚང་གིས་བརྩི་བཞག་ཏུ་གནང་བའི་"བློ་རིགས་ཀྱི་རྣམ་གཞག་ལུང་རིགས་ཀྱི་བང་མཛོད་མཁས་པ་དགྱེས་པའི་འཛུམ་ཞལ།" "རྭ་སྟོད་བསྡུས་གྲྭའི་དཀའ་གནད་རྣམས་ཕྱོགས་གཅིག་ཏུ་བཀོད་པ་གཞུང་བཟང་སྟོང་གི་སྒོ་འབྱེད་ལེགས་བཤད་གསེར་གྱི་ལྡེ་མིག"བཅས་ཡོད་པའི་འཕྲུལ་དེབ་གཉིས་ཡོད། བརྗོད་བྱ་ཕུན་སུམ་ཚོགས་ཤིང་ལག་ལེན་དུ་ཁྱེར་བདེ་ལ་ཉེ་བར་མཁོ་བའི་གཞུང་ཚན་འདི་དག་སློབ་གཉེར་བའི་ཆེད་དུ་འཕྲུལ་དེབ་གཉིས་སུ་ཕྱོགས་བསྒྲིགས་ཞུས་ཏེ་ཕུལ་བ་ལགས་ན། དགེ་བའི་རྩ་བ་འདི་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུར་འགྱུར་བར་སྨོན།
ཕབ་ལེན།


No comments:

Post a Comment