04/02/2015

ཁམས་སྟོང་འཁོར་ཞབས་དྲུང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་སྟབས་འབུལ་ཞུས་པ།

ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡ དང་བོད་རྒྱལ་ལོ་ ༢༡༤༡ བོད་ཟླ་ ༡༢ ཚེས་ ༡༣ རེས་གཟའ་ཉི་མ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་མོར། སྟོང་འཁོར་དགེ་བཤེས་ངག་དབང་རྣམ་རྒྱལ་ནས་སྦྱིན་བདག་ཞུས་ཐོག བརྟན་བཞུགས་རྡོར་སློབ་རྒྱལ་རོང་ཁྲི་ཡོངས་འཛིན་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་དབུས། རོང་པོ་ཁང་ཚན་གྱི་གནས་བརྟན་བགྲེས་སོང་དང་། དགེ་བའི་བཤེས་གཉེན་རྣམ་པ། འདུས་ཚོགས་བཅས་རིན་པོ་ཆེ་མཆོག་གི་དགུང་གྲངས་དང་མཉམ་པའི་དགེ་འདུན་ཞལ་གྲངས་ ༣༨ གདན་ཞུས་བྱེས་ཀྱི་བླ་བྲང་དུ་ཁམས་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་ཐུབ་བསྟན་འཇིགས་མེད་མཆོག་ལ་གནས་བརྟན་ཕྱག་མཆོད་དང་སྦྲགས་བརྟན་བཞུགས་སྟབས་བདེ་ཞིག་འདེགས་འབུལ་ཞུས་སྐབས་ཀྱི་སྐུ་པར།།